མདུན་ངོས། » New Leterature

New Leterature

མཚམས་ཆེན་སྦྱིན་པ་ཚུལ་ཁྲིམས་རིན་པོ་ཆེའི་མགུར་མ།


  ༄༅།།ལེའུ་དང་པོ་དེ་རིང་ནས་མི་གསར་པའི་མི་ཚེའི་དམ་བཅའ་དྲན་སྐུལ་བཞུགས་སྭོ།། མཚམས་ཆེན་སྦྱིན་པ་ཚུལ་ཁྲིམས་རིན་པོ་ཆེའི་མགུར་མ། རྣམ་ཤེས་འཁྱམས་པོ་ཁམས་གསུམ་འཁོར་བ་འཁོར།། འཁོར་བའི་སེམས་ཅན་ཉོན་མོངས་དུག་ལྔ་འཁྲུལ།། འཁྲུལ་བའི་སྡིག་སྒྲིབ་སྡུག་བསྔལ་རང་བཞིན་ང་།། ང་ཡི་འཁོར་བ་འདི་ལ་བློ་ཡི་ཟློག།   དལ་འབྱོར་རྙེད་དཀའ་བསམ་ནས་ངེས་འབྱུང་སྐྱེས།། འཆི་བ་མི་རྟག་བསམ་ནས་ངེས་འབྱུང་སྐྱེས།། ལས་དང་རྒྱུ་འབྲས་བསམ་ནས་ངེས་འབྱུང་སྐྱེས།། འཁོར་བའི་ཉེས་དམིགས་བསམ་ནས་ངེས་འབྱུང་སྐྱེས།།   སྟོང་གསུམ་ཕྱི་སྣོད་འཇིག་རྟེན་མི་རྟག་པ།། ཁམས་གསུམ་ནང་བཅུད་སེམས་ཅན་མི་རྟག་པ།། སྲིད་གསུམ་སྣང་སྲིད་འཁོར་བ་མི་རྟག་པ།། དུས་གསུམ་སྐྱེ་རྒས་ན་འཆི་མི་རྟག་པ།།   མ་ཡེངས་མི་རྟག་སྐད་ཅིག་ཡང་ཡང་སྒོམ།། མ་བརྗེད་སྐྱབས་འགྲོ་རྩེ་གཅིག་ཡང་ཡང་སྒོམ།།…

ཆོས་ལུགས་དགོས་སམ་ཕྲག་དོག་དགོས།


ཆོས་ལུགས་དགོས་སམ་ཕྲག་དོག་དགོས།   འབྲོག་སྐར་གྱིས་བྲིས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ནས་བདམས།  བོད་གཞི་བྱེས་གཉིས་ཀྱི་དྲྭ་གྲོགས་ཚོར་བསམ་ཚུལ་ཞིག་བྲིས་ན།  ཉེ་བའི་ལོ་མང་བོ་ཞིག་གི་སྔོན་ནས་འུ་ཚང་གི་བོད་པ་ཚོ་ཡར་རྒྱ་གར་དང་བལ་ཡུལ་སོགས་སུ་གཞིས་ཆགས་སུ་བསྡད་དེ་ནང་ཆོས་དང་རིག་གནས་གང་མང་ཞིག་སློབ་པའི་གོ་སྐབས་འཛིན་པར་སྐྱེས་འོང་། ཡིན་ཡང་དོན་དག་གཞན་ཞིག་ཏུ་འགྱུར་བཞིན་ཡོད་པ་དུས་ཀྱི་མཁོ་སྤྲོད་དང་ཆ་འཕྲིན་བརྡ་འཕྲིན་སོགས་དངོས་ཐོག་གི་ཕན་ཚུན་བསམ་བློ་རྗེས་རེས་བྱེད་པའི་བར་མཚམས་ནས་ཤུགས་ཀྱི་རྟོགས་འོང་བའི་གནད་དོན་ཞིག་གི་སྐོར་གླེང་ན།  བོད་པ་མི་རིགས་རྒྱ་ཆའི་དགུ་བཅུ་ཡས་མས་ཆོས་ལ་དད་པ་བྱེད་མི་རེད།  ཆོས་ལུགས་སྒེར་ངོའི་ནས་བོད་མི་རིགས་ལ་དམ་ཟབ་ཏུ་གནས་ཡོད་པའི་རིག་གནས་རིན་ཐང་ཅན་དུ་ཆགས་ཡོད།  བོད་ནང་ཁུལ་གྱི་དད་པའི་གོ་དོན་དང་གྲུབ་མཐའི་འཐེན་ཁྱེར་གྱི་ནད་གཞི་འདི་ངས་གོ་ཐོས་ཡིན་ན་རྒྱ་གར་དུ་ཡོད་པའི་བོད་པ་ཚོ་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྣང་བ་སྦྱིན་སོང་།   འདི་ལ་མཚོན་ན་གཏན་ནས་དགའ་རྒྱུ་མེད་པའི་ནང་འགལ་ཞིག་རེད། ཆོས་ལུགས་རིག་གནས་ཀྱི་ཁ་དོག་གི་གོ་རིམ་འདི་རྩོད་དགོས་དོན་མེད་གི་བསམ།  ཆོས་ལུགས་རིག་གནས་ཀྱི་ཁ་དོག་ཅེས་སྐད་ཆ་གསར་བ་འདི་གོ་བ་ཅི་ལྟར་ལེན་དགོས་ཞེས་ན།  ཞྭ་དཀར་དམར་སེར་གསུམ་གྱི་མདོག་ལ་ལྟོས་ནས་བཤད་ཀྱིན་ཡོད།  ཆོས་པ་ཆོས་པའི་བར་གྱི་སྡང་སྐད་རེ་བཤད་ནས་ཉི་མ་རླགས་ན་བོད་ཀྱི་ཐུན་མིན་རིག་གཞུང་ཞིག་གི་དངོས་ཐད་ནས་ཐོན་པའི་ནག་ཅན་སྣ་འདྲེན་གྱི་མི་སྣ་སྐོར་ཞིག་ལ་གོ་དགོས།  ནུབ་ཕྱོགས་པའི་འཚོ་སློབ་བྱེད་སྟངས་སྐོར་ནས་ཅུང་བཤད་ན། བསམ་པའི་སློབ་གསོ་ནས་མི་ཆོས་ཀྱི་སློབ་གསོ་སོགས་གོ་རིམ་ངེས་ཅན་ཞིག་གི་ལམ་འཚོལ་ཏེ་རང་ཉིད་ནས་འགོ་རྩམ་པའི་སྙིང་སྟོབས་སྐྱེད་ན་མི་རིགས་ནང་འགལ་གྱི་བསམ་བློ་ཅི་ཡང་མེད་པར་འདྲ་མཉམ་དུ་ཆགས་ཡོང་། འུ་ཚོའི་ཆོས་ལུགས་ཀྱི་དངོས་དོན་དང་ལག་ལེན་བར་ཏུ་འགལ་བ་ཤིན་ཏུ་མང་གི་ཆོས་པ་འགའ་ཞིག་གིས་ཁ་བརྡ་ཙམ་གྱི་འཛམ་གླིང་ཞི་བདེ་སེམས་ཅན་འདྲ་མཉམ་བདེ་སྡུག་རོ་སྙོམས་སོགས་བཤད་ཀྱིན་ཡོད།   འོན་ཏེ་ལག་ལེན་ཁོ་ནའི་ཐོག་ཏུ་བབ་ཚེ། གྲུབ་མཐའི་མངའ་ཐང་།…

ཡུལ་ཁམས་གངས་ཀྱིས་བསྐོར་བའི་ཕ་ས་ནས།


  ཡུལ་ཁམས་གངས་ཀྱིས་བསྐོར་བའི་ཕ་ས་ནས། ། གང་བསམ་ལྷུན་འགྲུབ། འཚོ་སྔོན་བོད་ཡིག་ཟིན་བྲིས་ནས་བདམས།   ཡུལ་ཁམས་གངས་ཀྱིས་བསྐོར་བའི་ཕ་ས་ནས། ། ལོ་ངོ་བཅུ་ཕྲག་བསྡད་པའི་མཐོང་ཐོས་ལས། ། མྱོང་ཚོར་སེམས་ཀྱི་རི་མོའི་ན་ཟུག་ཅིག། དམར་པོ་སྙིང་གི་བར་ནས་ཧར་གྱིས་ཤོར། །   རིགས་ཞེན་སྟག་ཤར་ཕར་ཆེར་རང་དབང་གླེང་། ། མཁས་དབང་དཔྱོད་ལྡན་མང་པོས་གནས་ལུགས་འཚོལ།། སྨྱུག་ཐོགས་སྙན་ངག་པ་ཚོས་སྐྱིད་སྡུག་འབྲི། ། བོད་ཀྱི་ཡུལ་ན་བྲེལ་ཟིང་འཚུབ་ཆ་ལངས།…

རྨི་ལམ།


  རྨི་ལམ། རང་རྩོམ་གངས་རིའི་བརྩེ་དུང་ནས་དྲངས། བར་མཚམས་མེད་པར་མུན་ནག་གིས་གཡོགས་པའི་ལྷིང་འཇག་གི་ནམ་གུང་དུ། ཤིན་ཏུ་སྤྱང་གྲུང་དོད་པའི་སྒོ་ལྔའི་དབང་ཤེས་རྣམས་ལྐོག་ཏུ་གྱུར་ཏེ་རྣམ་རྟོག་གི་གོམས་པ་ཟ་ཟི་བའི་བདག་རྐྱེན་གྱིས་བསླངས་པའི་ཆེས་སྒྲོ་འདོགས་ལས་ཀྱང་སྒྲོ་འདོགས་པའི་ཡིད་ཤེས་ཤིག རྒྱུ་ཚོགས་འགའ་ཞིག་གྲངས་ཚང་སྟེ་མངོན་དུ་གྱུར་པའི་ཚེ་ན། མཐའ་ཡས་པའི་ཡུལ་ལྗོངས་དང༌། ཉམས་དགའི་གྲོང་ཁྱེར། གཞན་ཡང༌། གསེར་འོད་འཕྲོ་བའི་ཕོ་བྲང་དང༌། རིན་ཆེན་གྱི་དངོས་རྫས་གནོད་སྦྱིན་གྱི་བང་མཛོད་ལ་འགྲན་པ། དེར་མ་ཟད། ལྷ་དང་ཀླུའི་ཡིད་འོང་མ་སོགས་འཇིག་རྟེན་གྱི་དཔལ་ཐམས་ཅད་དུས་གཅིག་ཏུ་རང་ལ་ཐོབ་པའམ་འཐོབ་ཏུ་རུང་བའི་སྐབས་ཡོད་པ་སོགས་ཀྱི་འཆར་སྣང་ནི་གྲངས་ཀ་ཉུང་ཉུང་ཞིག་མིན། མིག་གི་བདུད་རྩི་དང༌། རྣ་བའི་བཅུད་ལེན། ཡིད་ཀྱི་འཐད་ཡུལ་འདི་དག་གིས་ཤིན་ཏུ་ཉམས་དགའ་ལ། རབ་ཏུ་ཡིད་སྤྲོ་ཞིང༌། ལུས་སེམས་བདེ་དགའ་ཀུན་ནས་རྒྱས་པའི་རྒྱུར་འགྱུར་བ་སྨོས་ཅི། སྐབས་དེ་དག་ཏུ་ཁྱོད་ཀྱིས་དེ་རྣམས་ལ་རང་དབང་དུ་ལོངས་སུ་སྤྱོད་མི་སྲིད་པ་མ་ཡིན་ལ། སྤྱོད་པའི་ཚེ་ཁྱོད་ཀྱི་ཚོར་བདེའང་རྨི་ལམ་མ་ཡིན་པའི་གནས་སྐབས་དང་ཕལ་ཆེར་འདྲ།…

འཇམ་དཔལ་དགྱེས་པའི་བཞད་སྒྲ།


  འཇམ་དཔལ་དགྱེས་པའི་བཞད་སྒྲ། བཀྲ་ཤིས་རྒྱལ་པོ། དམར་སེར་ལང་ཚོ་རྒྱས་པའི་འཇམ་དཔལ་བཞད།། ས་གསུམ་སྙན་པ་ཀུན་བསྡུས་དབྱངས་ཅན་གླུ།། འགྲོ་བ་ཀུན་ལ་བརྩེ་བའི་གཏེར་གྱི་འཛུམ།། འདི་གསུམ་སྙན་ངག་པ་ཡི་ལྷ་གསུམ་ཡིན།།   མཐོ་པོ་ལོངས་སྐུའི་འཇིག་རྟེན་ནས།། དམའ་བོ་ན་རག་དམྱལ་བའི་བར།། ཡོད་ཚད་སྨྱུག་གུས་མངའ་བསྒྱུར་བ།། སྙན་ངག་པ་ཡི་དབང་ཐང་རེད།།   དགྲ་ཡི་ཚིག་མཚོན་མི་སྐྲག་ཅིང་།། གཉེན་གྱི་བསྟོད་ཚིག་མི་རེ་བར།། རེ་དོགས་བྲལ་བའི་སེམས་པ་དེ།། སྙན་ངག་པ་ཡི་སྙིང་སྟོབས་རེད།།   དངོས་པོའི་གནས་ལུགས་བརྟགས་པའི་ཚེ།། བརྗོད་བྱ་རོ་མཉམ་བལྟ་བའི་བློ།།…

ཉིན་ཐོ་ཞིག


  ཉིན་ཐོ་ཞིག བལ་ཡུལ་རྒྱལ་ཁབ་ཀྱི་ཐོབ་ཤོར། ངས་སྙན་ངག་དུ་མ་ཞིག་གི་ལམ་ནས་རྒྱ་བོད་ཀྱི་སྙན་ངག་པ་མི་ཉུང་བ་ཞིག་མཇལ་མྱོང༌། དེར་བརྟེན། ངའི་སེམས་སུ་རང་ཉིད་སྙན་ངག་པ་ཞིག་ཡིན་པའི་ཚོར་བ་ཤིན་ཏུ་ཆུང་ལ། ངས་ད་ཕན་རང་ཉིད་སྙན་ངག་པ་ཞིག་ཡིན་པར་གླེང་མྱོང་མེད་ལ། སྙན་ངག་གི་བགྲོ་གླེང་ཁྲོད་དུ་སྙན་ངག་གི་འགྲན་རྩོད་ལ་དེ་བས་ཀྱང་ཞུགས་མ་མྱངས་མོད། འོན་ཀྱང་མི་མང་པོ་ཞིག་གིས་ང་ལ་སྙན་ངག་པའི་མིང་ནས་འབོད་ཀྱིན་འདུག་པ་མ་ཟད། རྩོམ་གྲོགས་མི་ཉུང་བ་ཞིག་གིས་ང་ལ་སྙན་ངག་འབྲི་བར་སྐུལ་མ་བྱེད་བཞིན་འདུག་པས་ངའི་སྨྱུག་ཁ་དེ་ཆེད་དུ་བཙུགས་དགོས་པ་བྱུང༌། འོན་ཀྱང་ངའི་ཚིག་འདི་དག་ནི་སྙན་ངག་ཏུ་ཕལ་ཆེར་འགྱུར་མི་སྲིད་ལ་དེ་ལྟར་འགྱུར་བའི་ཡིད་ཆེས་ཀྱང་མེད། ལྷུག་རྩོམ་ཞིག་གི་བརྗོད་བྱ་འཚོལ་ཏེ་བསམ་གཞིགས་ཆུང་ངུ་ཞིག་དང་བཅས་གྲྭ་ཤག་གི་ཕྱིར་ཐོན་དུས། ང་སྡོད་སའི་ཁོར་ཡུག་སྟེ། སྐྱ་ཐིང་ངེར་སྣང་ཡོང་བའི་ཐལ་མདོག་གིས་རྒྱ་གྲོང་དང་ཁོར་ཡུག་ཕལ་མོ་ཆེ་ཡོངས་སུ་བཀླུབས་ཤིང༌། རེ་བས་ཕོངས་པའི་མི་རྣམས་ཀྱི་མིག་ཟུངས་གྱེན་དུ་ལྟ་བཞིན་སྣང་རྒྱུ་ནི་ཕལ་ཆེར་འོད་སྣང་འཚེར་བའི་ཉི་འོད་ཉག་ཅིག་རེད། དེ་ནི་ཕྱོགས་དང་རིས་སུ་མ་ཆད་པས་མཐོ་དམན་དང་དྲག་ཞན་ཀུན་ལ་བྱམས་བརྩེའི་དྲོད་འཁོལ་ཡོངས་སུ་སྦྱིན་བཞིན་འདུག ཡར་ལྟ་དང་མར་ལྟ་ཐེངས་གཅིག་བྱས་དུས་ཤིན་ཏུ་མངོན་ཆེ་བ་ནི་ཀ་ཐ་མན་ཌུའི་ཐང་ཆེན་དཀྱིལ་གྱི་རྡོ་རིང་དེ་རེད། དེའི་ཁ་དོག་ནི་ཐལ་ཁ་ཡིན་ཞིང༌། དུས་རྟག་ཏུ་སྐྱ་ཧྲང་ངེར་སྣང་བ་ལས་ལྟ་སྡུག་གི་ཚོར་བ་གང་ཡང་མི་སྦྱིན་པས་འཚོ་བའི་ཁྲོད་དུ་རིན་ཐང་ཅི་ཡང་མེད། དུས་གཏན་དུ་མཐོང་ཡོང་རྒྱུ་ནི།…

དུས་རབས་ཀྱི་ར་བཟི་བ་ཁྱུ་ཞིག


དུས་རབས་ཀྱི་ར་བཟི་བ་ཁྱུ་ཞིག ཟིན་བདག་རང་གི་དེབ་༼གངས་རིའི་བརྩེ་དུང་ལས་བཏུས༽   གོ་ལའི་ཤར་ཕྱོགས་ཀྱི་གྲུ་ཟུར་ཞིག་ན། དྲན་པ་དང་བསམ་བློའི་འཕེལ་འགྱུར་ལ་བརྒྱུད་མ་མྱོང་བའི་མི་རིགས་སྐོར་ཞིག ཁྱོད་ཀྱི་བསམ་བློ་ལ་སྐུལ་འདེད་གཏོང་མཁན་མ་བྱུང་བ་ཞིག་མ་ཡིན་ལ། ཁྱོད་ཀྱི་མདུན་ལམ་ལ་གྱོང་གུན་ཐེབས་མ་མྱོང་བ་ཞིག་དེ་བས་ཀྱང་ག་ལ། ཁྱོད་ཀྱི་ཚེ་སྲོག་ལ་ཉམ་ཉེས་མ་ཤོར་བ་ཞིག་དང༌། ཁྱོད་ནི་གཞན་འོག་ཏུ་དཀའ་སྡུག་མ་མྱོང་བ་ཞིག་གཏན་ནས་མིན་མོད། འོན་ཀྱང༌། དེ་ནི། ཁྱོད་ཀྱིས་སྔ་མོ་ནས་མིད་ཚར་བ་མ་ཡིན་ནམ། དེ་ནི། དྲན་པ་སོས་མི་ཐུབ་ཅིང༌། དེ་ནི། རྨི་ལམ་དུའང་འཆར་མི་ཐུབ་ལ། དེ་ནི། དྲན་དགོས་པ་ཞིག་ཀྱང་མ་ཡིན་པ་འདྲ། ཡིན་ན་ཡང༌། ཁྱོད་ལ་ཁག་མེད་པ་ཞིག་ཡོད་པ་ནི། ཁྱོད་ཀྱི་ལག་ཏུ་མྱོས་ཆུ་ཕྱེད་ཀ་ཙམ་མཆིས་པའི་དམ་བི་ཞིག་འཆང་ཡོད་ལ།…